༄༅། །དགོས་རྫོགས་ཆོས་འབུལ་གསལ་བརྡ།

     རང་ཅག་རྣམས་ལ་བཀའ་དྲིན་ཆེ་བའི་༸སྐྱབ་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་རེ་ཞིག་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། འདི་གར་མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་དང་། རིན་པོ་ཆེ་མཆོག་གི་སློབ་བུ་གཙོ་བོར་བྱས་འབྲེལ་ཡོད་ཀུན་གྱིས་གདུང་ཤུགས་དྲག་པོས་མྱ་ངན་གུས་འདུད་ཞུ་བ་དང་སྦྲགས།  རིན་པོ་ཆེའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཏེ།  སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་མྱུར་དུ་བྱོན་ནས་གོང་མའི་རྣམ་ཐར་བདག་གིར་བསྐྱང་སླད།  མི་ནི་སོ་ཊར་གནས་བཞུགས་སྔོན་ཀོ་པན་དགོན་དུ་ཞུགས་མྱོང་བའི་རིན་པོ་ཆེའི་སློབ་བུ་རྣམས་ཀྱིས་གོ་སྒྲིག་འོག །སྤྱི་ལོ་  ༢༠༢༣ སྤྱི་ཟླ ༠༤ སྤྱི་ཚེས་ ༡༥ ཉིན་དགོང་མོའི་ཆུ་ཆོད་ ༠༥ འདིར་མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་དུ་དགོངས་རྫོགས་འཚོགས་འཆར་ཡོད་ལགས་ན།  གང་མང་མཉམ་ཞུགས་ཡོང་བར་ཞུ།  །
མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་ནས།