མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་
༄༅། མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གི་རྒྱུན་ལས་སྐབས་གཉིས་པའི་ཚོགས་གཙོ་དགེ་བཤེས་ངག་དབང་བསྟན་པ་དང་། ཚོགས་གཞོན་སྐལ་བཟང་དབང་རྒྱལ། དྲུང་ཡིག་ཐུབ་བསྟན་རྟ་མགྲིན། དངུལ་གཉེར་དབང་དགའ། རྩིས་པ་བསོད་ནམས་ཟླ་བ། རྒྱུན་ལས་སངས་དགའ། རྒྱུན་ལས་ཕུན་ཚོགས་དོན་འགྲུབ། རྒྱུན་ལས་ཤེས་རབ་ཁང་གསར་ཁག་ཚང་བཅས་ཀྱི་སྐབས། སྤྱི་ལོ་ ༢༠༢༦ ཕྱི་ཟླ་ ༢ ཚེས་ ༡༡ ཉིན་ས་གནས་སུ་རིག་གཞུང་བསྟི་གནས་ཁང་གི་ཁང་པ་གསར་པ་ཉོ་སྒྲུབ་བྱས།
