༄༅། །མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གི་ངོ་སྤྲོད་མདོར་བསྡུས། མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་འདི་ཉིད་སྤྱི་ལོ་ ༢༠༢༢ ཟླ་༡༢ ཚེས་ ༡༧ སྔོན་དུ་ཨ་མི་རི་ཀ་སེར་བྱེས་ནང་པའི་དགོན་པ་ཞེས་པ་ཞིག་ཡོད་ཀྱང་། གཏན་གནས་ཀྱི་ཁང་པ་དང་། གཏན་སྡོད་ཀྱི་གྲྭ་བ་དངོས་སུ་བྱུང་མེད།
དོན་གཉེར་ཅན་རྣམས་ལ་ཞུ་བྱ།
འདིར་མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་ནས་ནང་ཆོས་ལ་་ཤེས་ཚད་མཐོ་པོ་དེ་ཙམ་མེད་པ་དེ་དག་ལ་དམིགས་ཏེ། བོད་སྐད་ཐོག་གཟའ་མཇུག་སློབ་ཚན་ཞིག་གོ་སྒྲིག་ཞུ་བཞིན་ཡོད། སློབ་དེབ། ༧ གོང་ས་ལྔ་པ་ཆེན་པོས་ལྗགས་རྩོམ་གནང་བའི་ལམ་རིམ་འཇལ་དཔལ་ཞལ་ལུང་།
༡ སློབ་དུས། སྤྱི་ལོ་༢༠༢༣ ཟླ་ ༨ ཚེས་༡༢ ནས་བཟུང་ལོ་གཉིས་རིང་།
༢ སློབ་ས། དྲ་ཐོག་ཛཱུམ་ zoom at 10am Central Time, on Sundays
༣ སློབ་དགེ། བསྟི་གནས་ཁང་གི་དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ།